དྲང་བདེན་མིན་པའི་ཁྲིམས་ཆད་ལ་ངོ་རྒོལ་བསྒྲགས་གཏམ།
Statement of Protest against the Unjust Verdict of Chinese Government
དྲང་བདེན་མིན་པའི་ཁྲིམས་ཆད་ལ་ངོ་རྒོལ་བསྒྲགས་གཏམ།
ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ནས་རྒྱ་ནག་དམར་ཤོག་གཞུང་གིས་གསང་བའི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ། ད་ཐེངས་སླར་ཡང་དུས་ཡུན་ལོ་ངོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་ནི་ཉེས་མེད་ཉེས་འགེལ་དང་། ཁྲིམས་མེད་ལུགས་མེད་ཀྱི་གཏུམ་སྤྱོད་བློ་ཡུལ་ལས་འདས་པ་ཞིག་རེད།
བཅད་ཁྲ་འདི་ཉིད་ནི། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སྒྱུ་རྩལ། མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བཞིན་པ་དང་། བོད་ཀྱི་ཤེས་ཡོན་པ་དང་རིག་གཞུང་ལྟེ་གནས་ཁང་། སློབ་གསོའི་སྡེ་ཁག་བཅས་ལ་དམ་དྲག་དང་བཙན་བསྒྱུར་ཤུགས་ཆེན་གཏོང་བཞིན་པའི་ཉེན་ཚབས་ཆེ་བའི་བྱ་སྤྱོད་ཀྱི་དཔང་རྟགས་མངོན་གསལ་ཞིག་ཡིན།
ད་ཆ་རྒྱ་ནག་གཞུང་ནི། སྐད་ཡིག་དང་རིག་གཞུང་རྒྱུན་གཅོད་གཏོར་རྒོལ་བ་གཙོ་བོ་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཨང་དང་པོ། མང་གཙོ་དང་འགྲོ་བ་མིའི་དཔལ་ཡོན་གྱི་སྤྱི་དགྲ་ཆེ་ཤོས་བཅས་ཡིན་པ་ཁྱོན་ཡོངས་ནས་གསལ་པོར་མངོན་ཡོད།
འདི་ག་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་འདི་དག་ལ་བློ་ཕམ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་ཁྱོན་ཡོངས་ནས། བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་དང་། སྒྱུ་རྩལ་པ། སྐད་ཡིག་ལས་འགུལ་པ། ཁོར་ཡུག་སྲུང་སྐྱོབ་པ། རང་དབང་འཐབ་རྩོད་པ་ཆ་ཚང་ལ་བདེན་རྒྱབ་དང་རོགས་སྐྱོར་ཛ་དྲག་གིས་གནང་རྒྱུའི་འབོད་སྐུལ་ཤུགས་དྲག་བྱེད་བཞིན་ཡོད།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས།
༢༠༢༡།༡༢།༡༤
Tibetan Writers Abroad PEN Centre’s Statement-14/12/2021
Statement of Protest against the Unjust Verdict of Chinese Government
- Renowned Tibetan writer Go Sherab Gyatso, who has been secretly arrested and detained bythe Communist Chinese Government since 26 October,2020, was again recently sentenced to 10 years in prison. This is an outrageous and unlawful act ofheavy-handedlypunishing the innocent.
- This verdict is a clear indication thatthe Chinese government isforcibly and systematicallyeradicating the Tibetan language, traditions, culture, and identity,imposing high restrictions, and oppressing the Tibetan scholars, Tibetan Buddhist Institutions and Tibetan schools and colleges in Tibet.
- It has becomevery clear that currentlythe Chinese government is the main destroyer of the Tibetan language and culture; the top violator of international laws and human rights; and the biggest enemy of democracy and human civilization.
- Tibetan Writers Abroad PEN Centre expresses our deep disappointment, and fully condemns these outrageous actions of the Chinese government. We strongly urge the global community to urgently help and support Tibetan writer Go Sherab Gyatso and all other imprisoned Tibetan writers,artists, humanitarians and language, environmental and freedom activists.
Tibetan Writers Abroad PEN Centre
27 Comments
John Williams / 2021-12-16 at 15:40
Free tibetan
John Jigme Williams / 2021-12-16 at 15:51
China out tibetan
Sonam Kunga / 2021-12-16 at 15:57
Release all political personnel
རིན་ཆེན་མགོན་པོ / 2021-12-16 at 16:12
We want justice
Drakho / 2021-12-16 at 16:12
དྲང་བདེ་མ་ཡིན་པའི་ཁྲིམས་ཐག་ལ་ངོས་ལན་མེད
Tamding Tseten / 2021-12-16 at 16:29
Release Go she Rab Gyatso.
Sonam / 2021-12-16 at 16:32
དྲང་བདེན་མིན་ལའི་ཁྲིམས་ཆད་བཙོན་འཇུག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
Sonam / 2021-12-16 at 17:46
རྒྱབ་སྐྱོར་ཡོད།
Tenzin Choegyal / 2021-12-16 at 18:30
དྲང་བདེ་མིན་པའི་ཁྲིམས་བཅད་ལ་ངོ་རྒོལ་ཡོད། སྒོ་ཤེས་རབ་རྒྱ་མཚོ་ཀློད་གྲོལ་གཏོང་དགོས།
Yeshi Gyaltso / 2021-12-16 at 18:33
དྲང་བདེན་མིན་པའི་ཁྲིམས་ཆད་ལ་ངོ་རྒོལ་ཡོད
Kunchok gyatso / 2021-12-16 at 18:45
ནག་ཉེས་གང་ཡང་མེད་པརཁྲིམས་ཆེད་ལོ་བཅུར་བཟོས་བ་བློ་ལ་ཤུང་གི་མི་འདུག
Kinchok Tenzin / 2021-12-16 at 19:35
Release Go Sherab Gyatso
Gyayig jinpa / 2021-12-16 at 19:38
བོད་མི་རིགས་ཀྱི་སྐད་དང་རིགས་གཞུང་ཁོ་ན་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པའི་དགེ་སློང་ཉམ་ཆུང་ཞིག་ལ་དོན་མེད་མ་ཉེས་ཁག་གཡོག་གིས་ལོ་བཅུར་ཁྲིམས་ཐག་བཅད་པ་ལ་བློ་ཕམ་ཚད་མེད་ཡོད། ངེས་པར་དུ་ཁོང་ལ་བདེན་པ་སྐྱོང་བའི་ཐོབ་ཐང་སྤྲོད་དགོས
Lhamo kyab / 2021-12-16 at 20:38
ཁྲིམས་ཐག་བཅད་པ་ལ་ངོ་རྒོལ་ཡོད
karchung tsering / 2021-12-16 at 20:47
Tibetan Writers Abroad PEN Centre’s Statement-14/12/2021
Statement of Protest against the Unjust Verdict of Chinese Government
Renowned Tibetan writer Go Sherab Gyatso, who has been secretly arrested and detained bythe Communist Chinese Government since 26 October,2020, was again recently sentenced to 10 years in prison. This is an outrageous and unlawful act ofheavy-handedlypunishing the innocent.
This verdict is a clear indication thatthe Chinese government isforcibly and systematicallyeradicating the Tibetan language, traditions, culture, and identity,imposing high restrictions, and oppressing the Tibetan scholars, Tibetan Buddhist Institutions and Tibetan schools and colleges in Tibet.
It has becomevery clear that currentlythe Chinese government is the main destroyer of the Tibetan language and culture; the top violator of international laws and human rights; and the biggest enemy of democracy and human civilization.
Tibetan Writers Abroad PEN Centre expresses our deep disappointment, and fully condemns these outrageous actions of the Chinese government. We strongly urge the global community to urgently help and support Tibetan writer Go Sherab Gyatso and all other imprisoned Tibetan writers,artists, humanitarians and language, environmental and freedom activists.
Gonpotso / 2021-12-16 at 21:03
Please release him as soon as possible, he didn’t do any criminal work. He is just an ordinary monk who loves his country.
Gedutsang / 2021-12-16 at 21:11
སྒོ་རབ་ལགས་ལ་ནག་ཉེས་གང་ཡང་མེད།མགྱོགས་མྱུར་ཁྲིམས་ཁང་ནས་གཏོང་དགོས།
Nyandak RISHUL / 2021-12-16 at 21:19
དྲ་བདེན་མི་པའི་ཆད་པ་ལ་ནམ་ཡང་ངོས་ལེན་མེད
Lobsang Gyatso / 2021-12-16 at 21:31
ཇག་ཚོགས་ཀྱི་གཞུང་གིས་ཅི་བྱས་ཚང་མར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
Tsering / 2021-12-16 at 21:35
སྒོ་ཤེས་རབ་རྒྱ་མཚོ་གཙོས་རྒྱ་གཞུང་གིས་ཉེས་མེད་ཉེས་འགེལ་བྱས་ཏེ་བཙོན་འཇུག་བྱས་པའི་བོད་ཀྱི་བཙོན་མ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་མི་རེ་ངོ་རེ་ནས་ཞུས་དགོས་གལ་ཆེན་པོ་འདུག
Aphal Tsezin / 2021-12-16 at 21:41
We the people of Tibet demand CCP to release Go Sherab Gyatso right away.
Tsundu / 2021-12-17 at 05:50
here is no illegal custody.
tenzin ritsatsang / 2021-12-17 at 08:33
དྲང་བདེན་མིན་པའི་ཁྲིམས་ཆད་ན་ངོ་རྒོལ་ཡོད།
Tashi / 2021-12-17 at 10:28
😭
ཆོས་ཀྱིས་དོན་འགྲུབ། / 2021-12-18 at 22:41
དྲང་བདེན་མིན་པའི་ཁྲིམས་ཆད་ན་ངོ་རྒོལ་ཡོད།
KALSANG RINCHEN / 2021-12-18 at 22:59
སྒོ་ཤེས་རབ་རརྒྱ་མཚོ་གཙོས་རྒྱ་གཞུང་གིས་ཉེས་མེད་ཉེས་འགེལ་བྱས་ཏེ་བཙོན་འཇུག་བྱས་པའི་བོད་ཀྱི་བཙོན་པ་བཙོན་མ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བ་ཡིན། གོང་རྣམ་པ་དམྱལ་པ་མི་ཡུལ་དུ་སྤེབས་པ་ལྟ་བའི་མནར་སྤྱོད་གང་མང་གཏོང་དང་གཏོང་བཞིན་པས་རྐྱེན་སེམས་ཀྱི་མ་བཟོད་པར་ སྤྱིར་འཛམ་བུའི་གླིང་ཞི་བདེ་དང་བརྟན་ལྷིང་། བྱེ་བྲག་ཏུ་བོད་རྒྱ་གཉིས་དང་མི་རིགས་ཡང་དག་པའི་སྲིད་བྱུས་གཏན་འབེབས་དང་ལག་བསྟར་བྱས་པ་ཡིན་ན་བྱ་བ་ལེགས་འགྲུབ་དང་དར་ཞིང་རྒྱས་པའི་འབྲས་བུ་སོན་པ་དང་། ནོར་འཇོལ་ཅན་སྲིད་བྱུས་གཏན་འབེབས་དང་ལག་བསྟར་བྱས་ན་གྱོང་གུན་དང་ཆག་སྒོ་ཡོང་རྒྱུ་ཉག་ཅིག་རེད། དེ་མ་ཟད་ད་ལྟ་གནད་དོན་མང་པོ་ཞིག་ལྟ་ཚུལ་མི་འདྲ་བ་དང་མཉམ་དུ་འདྲེས་ནས་ཡོད་པ་སྨེས་མེད་ཡིན་སྟབས། སྲིད་དབང་འཛིན་མཁན་ཚོའི་བསམ་བློར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ད་དུང་ཡང་དག་པའི་སྲིད་བྱུས་གཏན་འབེབས་དང་ལག་བསྟར་བྱེད་པར་རྒྱ་གཞུང་ལ་འབོད་སྐུལ་ཡིན།།
ཨ་གོང་ཚང་རིན་ཆེན / 2021-12-20 at 08:31
སྒོ་ཤེས་རབ་རྒྱ་མཚོ་གཙོས་རྒྱ་གཞུང་གིས་ཉེས་མེད་ཉེས་འགེལ་བྱས་ཏེ་བཙོན་འཇུག་བྱས་པའི་བོད་ཀྱི་བཙོན་པ་བཙོན་མ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བ་ཡིན། གོང་རྣམ་པ་དམྱལ་པ་མི་ཡུལ་དུ་སྤེབས་པ་ལྟ་བའི་མནར་སྤྱོད་གང་མང་གཏོང་དང་གཏོང་བཞིན་པས་རྐྱེན་སེམས་ཀྱི་མ་བཟོད་པར་ སྤྱིར་འཛམ་བུའི་གླིང་ཞི་བདེ་དང་བརྟན་ལྷིང་། བྱེ་བྲག་ཏུ་བོད་རྒྱ་གཉིས་དང་མི་རིགས་ཡང་དག་པའི་སྲིད་བྱུས་གཏན་འབེབས་དང་ལག་བསྟར་བྱས་པ་ཡིན་ན་བྱ་བ་ལེགས་འགྲུབ་དང་དར་ཞིང་རྒྱས་པའི་འབྲས་བུ་སོན་པ་དང་། ནོར་འཇོལ་ཅན་སྲིད་བྱུས་གཏན་འབེབས་དང་ལག་བསྟར་བྱས་ན་གྱོང་གུན་དང་ཆག་སྒོ་ཡོང་རྒྱུ་ཉག་ཅིག་རེད། དེ་མ་ཟད་ད་ལྟ་གནད་དོན་མང་པོ་ཞིག་ལྟ་ཚུལ་མི་འདྲ་བ་དང་མཉམ་དུ་འདྲེས་ནས་ཡོད་པ་སྨེས་མེད་ཡིན་སྟབས། སྲིད་དབང་འཛིན་མཁན་ཚོའི་བསམ་བློར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ད་དུང་ཡང་དག་པའི་སྲིད་བྱུས་གཏན་འབེབས་དང་ལག་བསྟར་བྱེད་པར་རྒྱ་གཞུང་ལ་འབོད་སྐུལ་ཡིན།།
Leave a Reply