《དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི》ཞེས་པའི་དེབ་མཆོག་ཅིག་མི་ཡུལ་དུ་བལྟམས་པ།
དགེ་འདུན་ཆོས་འཕེལ་ནི་སྐབས་དེའི་བླ་མ་དང་། དགེ་བཤེས། ཆོས་གྲོགས། འཁྱམ་རོགས། མཛའ་རོགས། ཡུལ་མི་སོགས་ཀྱི་སེམས་ནང་དུ་མི་ག་འདྲ་ཞིག་ཡིན་ནམ།
བཅར་འདྲི་བྱེད་ཡུལ།
ཨ་ལགས་ཡོངས་འཛིན་ཚང་། ཨ་མདོ་བྱམས་པ། ལྷ་སྡེ་ཨ་ཁུ་ཚང་། དགུ་རོང་རྒྱལ་སྲས། ཨ་ལགས་ཁྱུང་སྲས། ཐུབ་བསྟན་དབང་པོ། བླ་མ་ཚེ་རིང་། བློ་བཟང་བསམ་གཏན། ཨ་ལགས་ཙ་ཡུས། ཚེ་བརྟན་གཡུ་སྒྲོན། འཇིགས་མེད་ཐེག་མཆོག ཧོར་ཁང་བྱམས་པ་བསྟན་དར། འཇུ་སྐལ་བཟང་། གཡུང་དྲུང་རྒྱལ།
༡༩༩༩ལོའི་གཡས་གཡོན་དུ་སྐུ་ཞབས་ལུག་ཤེ་ཌི་ལེན་ལགས་བོད་ཁམས་ཡོངས་སུ་མྱུལ་ནས་དགེ་འདུན་ཆོས་འཕེལ་དང་འབྲེལ་ཡོད་ཀྱི་མི་སྣ་བཅུ་བཞི་ལྷག་ལ་དངོས་སུ་བཅར་འདྲི་སྒྲ་ལེན་བྱས་ཤིང་། དེའི་ནང་དུ་དགེ་འདུན་ཆོས་འཕེལ་གྱི་ཆོས་གྲོགས་དང་འཁྱམ་རོགས། དགོན་པ་གཅིག་པ། འཛིན་གྲྭ་གཅིག་པ། ཁང་ཚན་གཅིག་པ། འཛའ་རོགས། ཡུལ་མི་དང་། ཞིབ་འཇུག་པ་སོགས་ཡོད་ལ། ཁོ་ཚོ་དགེ་འདུན་ཆོས་འཕེལ་ལ་མཇལ་བའི་གོ་རིམ་དང་། ཕན་ཚུན་བར་ལ་གླེང་མོལ། ཁོ་ཚོའི་མིག་ལམ་གྱི་དགེ་འདུན་ཆོས་འཕེལ་དང་། སྐབས་དེའི་སྤྱི་ཚོགས་ཀྱི་ཟུར་སྣེ་མང་པོ་ཞིག་སྒྲ་ཇི་བཞིན་དུ་ཡིག་ངོར་ཕབ་ནས་དེབ་འདི་རུ་བཏོན་ཡོད་པས། དགེ་འདུན་ཆོས་འཕེལ་ལ་དང་དོད་ཡོད་མཁན་དང་དེའི་ཕྱོགས་ལ་ཞིབ་འཇུག་བྱེད་མཁན་དག་ལ་སྨན་པའི་དེབ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་གདོན་མི་ཟ་བས། རྒྱ་ཆེའི་ཀློག་པ་པོ་དག་གིས་སྡེབ་ཉོ་དང་སིལ་ཉོ་བྱེད་པར་དགའ་བསུ་བྱེད།
Leave a Reply