འོད་ཟེར། (དངོས་མིང་ལ་ཚེ་རིང་འོད་ཟེར་)
རིག་གནས་གསར་བརྗེ་ཁྲོད་ཀྱི་ལྷ་ས་ནས་སྐྱེས། དེང་སྐབས་བོད་ལྗོངས་ཤར་ཕྱོགས་ཁམས་ཡུལ་དང་རྒྱ་ནག་ནང་ལོག་ན་འཚོ་རོལ་བཞིན་ཡོད། ལོ་༢༠རིང་སློབ་གཉེར་བྱས། ༡༩༨༨ལོར་ལྷོ་ནུབ་མི་རིགས་སློབ་ཆེན་རྒྱ་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་དཀར་མཛེས་ཚགས་པར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པའི་བྱ་བ་གཉེར། ༡༩༩༠ལོར་ཕྱིར་ལྷ་སར་ཡོང་སྟེ། ༢༠༠༤ལོའི་ཟླ༦ནས། <<བོད་ལྗོངས་རྩོམ་རིག་>>དུས་དེབ་ཀྱི་རྩོམ་སྒྲིག་པའི་བྱ་བ་གཉེར། ༢༠༠༣ ལོར་ལྷུག་རྩོམ་ཕྱོགས་བསྒྲིགས་<<བོད་ལྗོངས་ཟིན་ཐོ་>>ཞེས་པ་པར་སྐྲུན་བྱས་པའི་རྐྱེན་གྱིས་གཞུང་ཕྱོགས་ནས་ཆབ་སྲིད་ཀྱི་ནོར་འཁྲུལ་ཡོད་ངོས་འཛིན་བྱས་ཏེ་གཞུང་ཞབས་ནས་ཕྱིར་འཐེན་བྱས། ད་ལྟ་རང་དབང་རྩོམ་པ་པོ་ཡིན། པེ་ཅིན་དང་ལྷ་སར་གནས་སྡོད་བྱས་ཡོད།
གནོན་ཤུགས་སྤྲད་པའི་སྐོར།
- ༢༠༠༤ལོར། ཁོ་མོའི་ལྷུག་རྩོམ་ཕྱོགས་བསྒྲིགས་<<བོད་ལྗོངས་ཟིན་ཐོ་>>པར་སྐྲུན་བྱས་པའི་རྐྱེན་གྱིས་ཁོ་མོ་རྩོམ་སྒྲིག་པའི་ལས་གནས་ཕྱིར་འཐེན་བྱས་པ་མ་ཟད། གཞུང་ཕྱོགས་ནས་ཁོ་མོའི་སྡོད་ཁང་གཞུང་བཞེས་བྱས་པ་དང་སྨན་བཅོས་རོགས་དངུལ་སོགས་མེད་པར་བཟོས།
- རྒྱ་ནག་ནས་པར་སྐྲུན་བྱས་པའི་<<བོད་ལྗོངས་ཟིན་ཐོ>>དང་<<ས་ཁྲ་དམར་པོ>>ཞེས་པ་གཉིས་ལ་བཀག་སྡོམ་བྱས་པ།
- འོད་ཟེར་གྱིས་རྒྱ་ནག་གི་དཔེ་སྐྲུན་ཁང་དང་དུས་དེབ། གསར་འགྱུར་བརྒྱུད་ལམ་གང་དུའང་རྩོམ་ཡིག་སྤེལ་མི་ཆོག ཕྱི་རྒྱལ་ནས་པར་སྐྲུན་བྱས་པའི་དེབ་རྣམས་རྒྱ་ནག་ཏུ་སླེབས་མི་ཐུབ་པ་མ་ཟད། དྲ་རྒྱའི་སྟེང་དུ་འོད་ཟེར་གྱི་མིང་ཁྱབ་ཡོད་ཀྱང་ཤེས་རྟོགས་བྱུང་ཚེ་མེད་པར་བཟོ་བཞིན་ཡོད་པ་རེད།
- འོད་ཟེར་ཟིན་བྲིས་ ༢༠༠༥ལོ་ནས་སྒོ་འབྱེད་བྱས་ཡོད་ཀྱང། རྒྱ་ནག་གི་དྲ་ལམ་དང་སྦྲེལ་ཡོད་པས་ཐེངས་གསུམ་ལ་སྒོ་བརྒྱབ་ཡོད་འདུག ༢༠༠༧ ལོ་ནས་ཨ་རི་དྲ་ལམ་དང་སྦྲེལ་ཡོད་མོད། འོན་ཀྱང་འོད་ཟེར་ཟིན་བྲིས་དྲ་འབུའི་གནོད་པ་བྱུང་ཡོད། མིག་སྔའི་ཟིན་བྲིས་ “མཐོང་མི་ཐུབ་པའི་བོད་” http://woeser.middle-way.net ནི་འོད་ཟེར་གྱི་ཟིན་བྲིས་ལྔ་བ་དེ་ཡིན་འདུག
- ༢༠༡༣ལོའི་ཟླ་༣པར། འོད་ཟེར་ལ་ཨ་རི་ནས་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་བྱ་དགའ་ཐོབ། རྒྱ་ནག་ཕྱི་འབྲེལ་ཁང་གིས་ཨ་རིས་འོད་ཟེར་ལ་བྱ་དགའ་སྤྲད་དེ་རྒྱ་ནག་ནང་སྲིད་ལ་ཐེ་གཏོགས་བྱས་པར་སྐྱོན་བརྗོད་ཀྱང་བྱས་ཡོད།
བརྩམས་ཆོས་པར་སྐྲུན་བྱས་པའི་གནས་ཚུལ།
(༡) སྒེར་གྱི་ཆེད་དེབ།
<<བོད་ཀྱི་ཟིན་ཐོ>> <<མཐོང་མི་ཐུབ་པའི་བོད>>སོགས་རྒྱལ་ཁབ་ཕྱི་ནང་ནས་པར་བསྐྲུན་བྱས་པའི་བརྩམས་ཆོས་དེབ་ཉི་ཤུ་ལྷག་ཡོད།
བྱ་དགའ་ཐོབ་པའི་རིགས།
- རྒྱལ་སྤྱིའི་བུད་མེད་བྱ་དགའ་དང་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་སོགས་མང་པོ་ཐོབ་མྱོང།
2005年,获美国赫尔曼/哈米特奖(Hellman/Hammett grant)。
2007年,入围美国纽斯塔国际文学奖(The Neustadt Inte rnational Prize for Literature,2007-2008年)。
2007年,获挪威作家联盟(Norwegian Authors Union)颁发的自由表达奖(Freedom of Expression Prize),
2007年,获(印度)西藏记者协会(Association of Tibetan Journalists)颁发的无畏言论者奖章(Fearless Speaker Award)。
2009年,再度获得美国赫尔曼/哈米特奖(Hellman/Hammett grant)。
2009年,获独立中文笔会2009年度林昭纪念奖。
2010年,获国际妇女传媒基金会2010年度新闻勇气奖。
2011年,获荷兰克劳斯亲王奖。
2013年,获美国国务院桃‘际妇女勇气奖煤B
Leave a Reply