འབྲོག་རུ་ཚུལ་ཁྲིམས།

མདོ་སྨད་ཆབ་ཆ་ས་ཁུལ་དུ་༡༩༨༣ལོར་སྐྱེས། (དེང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་) མང་ར་ཀླུ་ཚང་དགོན་དང་དྷི་ཚ་དགོན་བཅས་ནས་སློབ་གཉེར་གནང། རྗེས་སུ་སི་ཁྲོན་རྔ་བ་སྒོ་མང་དགོན་དུ་སློབ་གཉེར་གནང།

༢༠༡༠ལོའི་ཟླ༥ཚེས་༢༤ཉིན། ཉེན་རྟོག་པས་སྒོ་མང་དགོན་དུ་འཇུ་བཟུང་བྱས། ཡུལ་ཤུལ་ས་ཡོམ་ཆེད་དུ་པར་སྐྲུན་བྱས་པའི་དཔེ་དེབ་དང་འབྲེལ་བའི་དོགས་གཞིའི་འོག ༢༠༡༡ལོའི་ཟླ་༥ཚེས་༧ཉིན། སི་ཁྲོན་རྔ་བ་ཁུལ་འབར་ཁམས་རྫོང་མི་དམངས་ཁྲིམས་ཁང་གིས་ “རྒྱལ་ཁབ་ཁ་བྲལ་བའི་”ཉེས་མིང་བཏགས་ཏེ་ལོ་བཞི་དང་ཕྱེད་ཀའི་རིང་དུས་བཅད་བཙོན་འཇུག་བྱས་འདུག’

ཁོང་གིས་<<ཁ་བའི་ཚེ་སྲོག་>>ཅེས་པའི་རྩོམ་རིག་ཚགས་པར་གཙོ་སྒྲིག་པའི་འགན་ཁུར་ཡོད་འདུག

Leave a Reply