བཀྲ་ཤིས་རབ་བརྟན། (སྨྱུག་མིང་ལ་ཐེའུ་རང)
མདོ་སྨད་མཛོ་དགེ་རུ་སྐྱེས། ལོ་ཉེར་ལྔ་སྟེང་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཚན་གྱི་མཐར་ཕྱིན་སློབ་དུས་སྐབས་སུ་འཛིན་བཟུང་བྱས། ༢༠༠༨ལོའི་ཟླ་༣ཚེས་༡༦ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན།
ཁོང་ནི་བོད་ཡིག་དུས་དེབ་<<ཤར་དུང་རི>>འི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཡིན།
༢༠༠༨ལོར་བོད་མིའི་ཞི་རྒོལ་ཆེན་མོའི་ཐད་ཀྱི་བོད་ཡིག་ཆེད་རྩོམ་<<ཁྲག་ཡིག>>བརྩམས།
༢༠༠༩ལོར་འཛིན་བཟུང་བྱས། ༢༠༡༠ལོའི་ཟླ་༤ཚེས༦ཉིན་སློབ་གླིང་དུ་ཡང་བསྐྱར་ཉེན་རྟོག་པས་འཛིན་བཟུང་བྱས། ༢༠༡༡ལོའི་ཟླ༦ཚེས་༢ཉིན། བཀྲ་ཤིས་རབ་བརྟན་གྱི་ཁྱིམ་མི་ལ་བརྡ་སྦྱོར་འབྱོར་བའི་ནང། “རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་དོགས་གཞིའི་ཉེས་བ་བཀལ་བ”འི་རྐྱེན་གྱིས། སི་ཁྲོན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་བཞིའི་ཁྲིམས་ཆད་བཅད་འདུག
Leave a Reply