དོན་གྲུབ་དབང་ཆེན།

༡༩༧༤ལོར་མདོ་སྨད་མཚོ་སྔོན་དཔའ་ལུང་དུ་སྐྱེས། གཉེན་སྒྲིག་བྱས་ཟིན། བུ་ཕྲུག་གསུམ་ཡོད། ན་གཞོན་དུས་སུ་ལྷ་སར་བསྡད། ༡༩༩༣ལོར་རྒྱ་གར་དུ་གནས་མཇལ་ལ་འབྱོར། རྗེས་སུ་ཕྱིར་བོད་དུ་སོང།
༢༠༠༧ ལོར་བླ་བྲང་འཇིགས་མེད་རྒྱ་མཚོ་ (མགོ་ལོག་འཇིགས་མེད)དང་མཉམ་དུ་<<འཇིགས་བྲལ>>(Leaving Fear Behind )ཞེས་པའི་འཁོར་ཐག་བརྙན་ཕབ་བྱས། བརྙན་ཕབ་དེར་བོད་ཀྱི་ལོ་ན་རྒན་གཞོན་དང་ས་གནས་འདྲ་མིན་གྱི་དངོས་ཡོད་འཚོ་བ་དང་སེམས་ཁམས་སོགས་འདུས་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་ཞིང་འབྲོག་མང་ཚོགས་དང་ཚོང་བ། སློབ་མ་དང་གྲྭ་བ་སོགས་འདུས་ཡོད་ལ། ཁོང་ཚོའི་ཨོ་རྩལ་འགྲན་ཚོགས་ཀྱི་ལྟ་ཚུལ་དང་གོང་ས་ཏཱ་ལའི་བླ་མར་བཅང་བའི་དད་སེམས། གཉའ་གནོན་དང་བཤུ་གཞོག་མྱོང་བའི་སྡུག་བསྔལ་མྱངས་པའི་གནས་སྟངས་སོགས་བརྙན་ཕབ་བྱས་ཡོད།
༢༠༠༨ལོའི་ཟླ ༣ཚེས ༢༦ཉིན། དོན་གྲུབ་དབང་ཆེན་མཚོ་སྔོན་འབའ་རྫོང་དུ་འཛིན་བཟུང་བྱས། “རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་འོག”ལོ་དྲུག་རིང་ཁྲིམས་ཆད་བཙོན་འཇུག་བྱས།

Leave a Reply