ཆ་རིས་སྐལ་བཟང་ཐོགས་མེད།

ཆ་རིས་སྐལ་བཟང་ཐོགས་མེད་ལགས་ནི ། མདོ་སྨད་ཀླུ་ཆུ་ རྫོང་ཁོངས་སུ་སྐྱེས།སྔ་ཕྱིར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་དཔལ་ལྡན་བཀྲ་ཤིས་འཁྱིལ་སོགས་སུ་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་བག་ཆགས་བཞག ད་ལྟ་ཀྲུང་གོ་ཏུན་ཧོང་རིག་ཚོགས་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་གཉེར་ཚོགས་ པའི་ཚོགས་མི་དང་།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་རིག་གཞུང་གདན་ཞུས་བློ་འདོན་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་གདན་ཞུས་ཞིབ་འཇུག་པ་ཆེན་མོ། ཀན་སུའུ་ཝུ་ཝེ་བོད་རིག་པ་ཞིབ་འཇུག་ཚོགས་པའི་གདན་ཞུས་བློ་འདོན་པ། ཀན་སུའུ་ཝུ་ཝེ་གནའ་དཔེ་དག་སྒྲིག་ཚོགས་པའི་གདན་ཞུས་བློ་འདོན་པ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་ཞིབ་འཇུག་ཚོགས་པའི་ཀྲུའུ་ ཞི་གཞོན་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མའི་ མཛུབ་ཁྲིད་དགེ་རྒན་སོགས་ཀྱི་མིང་བཟུང་ཡོད་ཅིང་། སྔ་ཕྱིར་གནའ་དཔེ་གཅེས་བསྡུས་དཔེ་ཚོགས་དང་། བྱང་ཆུབ་ལོ་མ་དཔེ་ཚོགས་སོགས་གནའ་དཔེ་དག་བསྒྲིགས་པོད་དྲུག་བཅུར་ཉེ་བ་དང་། ལྷག་པར་དུ་གཞུང་རྩོམ་ལ་གཞུང་པོད་ལྔའི་སྤྱི་བཤད་དང་། འཇིག་རྟེན་ཁམས་ཀྱི་རྣམ་བཞག་མདོར་བསྡུས། བཀའ་པོད་ལྔའི་དོགས་གནས་ཕྱོགས་བསྒྲིགས་སོགས་པོད་བཅུ་ཕྲག་དང་། བསྒྱུར་རྩོམ་ལ་ཤེས་རིག་སྨྲ་བའི་བསྡུས་དོན་སོགས་པོད་བཞི་དང་། དཔྱད་རྩོམ་བདུན་ཅུ་ལྷག་སྤེལ་ཡོད།

གཞུང་རྩོམ་གྱི་སྐོར།ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་གདན་རབས་དཀར་ཆག ༡༩༩༥ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ། ༡༩༩༧ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ། ༡༩༩༧ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཁྲི་ཆེན་རབ་བརྟན་རྒྱ་མཚོའི་རྣམ་ཐར ། ༡༩༩༧ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རིག་གནས་བཅུའི་དྲིས་ལན ། ༢༠༠༠ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། མཉམ་མེད་སྟོན་པའི་རྗེས་འཇུག་རབ་ཏུ་བྱུང་པ་རྣམས་དང་འབྲེལ་པའི་ཆོས་སྣ་ཚོགས་ཀྱི་ཁུངས་བརྗོད་པ། ༢༠༠༡ ལོའི་ཟླ༡༡ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།ནང་བ་སངས་རྒྱས་པས་འདོད་པའི་འཇིག་རྟེན་ཁམས་ ཀྱི་རྣམ་གཞག་མདོར་བསྡུས། ༢༠༠༣ ལོའི་ཟླ༤ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།བྱང་ཆུབ་ལམ་རིམ་ཆེན་མོའི་དཀའ་གནད་ཀྱི་དྲིས་ལན ། ༢༠༠༤ ལོའི་ཟླ༡༢ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོད་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་མཐའ་དཔྱོད་གཅེས་བསྡུས། ༢༠༡༠ ལོའི་ཟླ༤མི་རིགས་དཔེ་སྐྲུན་ཁང་། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་གྲགས་ཅན ། ༢༠༠༨ལོའི་ཟླ༡ མི་རིགས་དཔེ་སྐྲུན་ཁང་། གཞུང་པོད་ལྔའི་དོགས་གནད་ཀྱི་དྲིས་ལན་ཕྱོགས་བསྒྲིགས། ༢༠༠༥ ལོའི་ཟླ༡༢ མི་རིགས་དཔེ་སྐྲུན་ཁང་།
སྒྱུར་རྩོམ་གྱི་སྐོར། ཤེས་རིག་སྨྲ་བའི་བསྡུས་དོན ། ༢༠༠༡ལོའི་ཟླ༡༢ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། མི་ ཚེའི་མངོན་རྟོགས་མྱོང་གྲུབ། ༢༠༠༢ ལོའི་ཟླ༡༢ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ནུབ་ཕྱོགས་ཀྱི་མཚན་ཉིད་སྨྲ་བ་གྲགས་ཅན ། ༢༠༠༥ལོའི་ཟླ༡༢ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

གནའ་རྩོམ་དག་བསྒྲིགས་ཀྱི་སྐོར།རྗེ་ དཀོན་མཆོག་བསྟན་པའི་སྒྲོན་མེའི་ཕར་ཕྱིན་མཛོད་འདུལ་གྱི་བསྡུས་དོན་སོགས་ བཞུགས་སོ།། ༢༠༠༡ ལོའི་ཟླ༡༢ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་ཐུབ་བསྟན་རྒྱ་མཚོ་སོགས་ཀྱི་གསུང་རྩོམ་ ཕྱོགས་བསྒྲིགས་བཞུགས་སོ།། ༢༠༠༣ ལོའི་ཟླ ༦ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྗེ་ཡབ་སྲས་གསུམ་གྱི་ཚད་གཞུང་ཉེར་མཁོ་དང་གུང་ཐང་བློ་གྲོས་རྒྱ་མཚོའི་བསྡུས་གྲྭ་བཞུགས་སོ།། ༢༠༠༠ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
རྗེ་ཙོང་ཁ་བས་མཛད་པའི་བྱང་ཆུབ་གཞུང་ལམ་དང་རྩ་ལྟུང་རྣམ་བཤད། ༡༩༩༩ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྗེ་ཡབ་སྲས་ཀྱི་གསུང་རྩོམ་ཉེར་མཁོ་ཕྱོགས་བསྒྲིགས། ༡༩༩༩ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་བཀའ་འབུམ་ཐོར་བུ་བདམས་བསྒྲིགས། ༡༩༩༩ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྗེ་སྒོ་བློ་གསུམ་གྱི་དྲང་ངེས་ཕྱོགས་བསྒྲིགས་བཞུགས་སོ།། ༢༠༠༣ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དོན་བདུན་ཅུ་དང་ས་ལམ་སོགས་ཉེར་མཁོའི་སྐོར་ཕྱོགས་བསྒྲིགས་བཞུགས་སོ།། ༢༠༠༡ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བསྡུས་གྲྭ་ཕྱོགས་བསྒྲིགས་བཞུགས་སོ།། ༢༠༠༡ ལོའི་ཟླ༡༢པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་འདུལ་བ་བཞུགས་སོ།། ༢༠༠༠ ལོའི་ཟླ༡༢པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ལམ་ཁྲིད་འཇམ་དཔལ་ཞལ་ལུང་དང་བདེ་ལམ་བཞུགས་སོ།། ༡༩༩༩ ལོའི་ཟླ༢པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས་བཞུགས་སོ།། ༢༠༠༣ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དབུ་མ་རིགས་ཚོགས་དྲུག ༡༩༩༧ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རི་བོ་དགེ་ལུགས་པའི་ཞལ་འདོན་གྱི་འགྲེལ་བ་ཕྱོགས་བསྒྲིགས། ༡༩༩༧ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་བློ་རྟགས་བཞུགས་སོ།། ༡༩༩༩ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ་པོད་བཞི། ༢༠༠༤ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཕར་ཕྱིན་སྐབས་གསུམ་པ་ཕྱོགས་བསྒྲིགས། ༢༠༠༡ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བསླབ་བྱ་ཉེར་མཁོ་ཕྱོགས་བསྒྲིགས། ༢༠༠༠ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྡོ་རྗེ་གཅོད་པ་དང་དེའི་འགྲེལ་བ། ༢༠༠༡ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་མཛོད་བཞུགས་སོ།། ༢༠༠༡ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ལམ་རིམ་བདེ་ལམ་གྱི་ཟིན་བྲིས་ཕྱོགས་བསྒྲིགས་བཞུགས་སོ།། ༢༠༠༣ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཆངས་སུ་ཙིག་ཏིའི་ཕར་ཕྱིན་བཞུགས་སོ།། ༢༠༠༣ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

གཞུང་རྩོམ་ཞུ་དག་གི་སྐོར།དགེ་བཤེས་ ཡེ་ཤེས་དབང་ཕྱུག་གི་གསུང་འབུམ་པོད་བཞི། ༢༠༠༠ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། རྣམ་བཤད་སྙིང་པོའི་རྒྱན ། ༢༠༠༠ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཚད་མའི་དགོངས་དོན་བདེ་བླག་ཏུ་རྟོགས་པའི་ལྡེ་མིག ༡༩༩༧ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། གསོ་རིག་ལོ་རྒྱུས། ༢༠༠༤ ལོར་མི་རིགས་དཔེ་སྐྲུན་ཁང་།

Leave a Reply