ཀུན་དགའ་ཚངས་དབྱངས། (སྨྱུག་མིང་ལ་གངས་ཉི)
མདོ་སྨད་མགོ་ལོག་ནས་ཡིན་ལ་རང་ལོ་༢༠ལྷག་ཡིན། བླ་བྲང་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང། མགོ་ལོག་གཉན་པོ་གཡུ་རྩེ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་བརྙན་ལེན་པ་ཡིན་ལ་སྐྱེས་ཁམས་ཁོར་ཡུག་གི་འདྲ་པར་མང་པོ་བླངས་ཡོད།
ཁོང་གི་བྲིས་རྩོམ་<<སུ་ཞིག་ནི་རྟོགས་སད་པ་ངོ་མ་རེད>> <<སུ་ཞིག་ནི་ཁ་བྲལ་རང་ལུགས་པ་ངོ་མ་རེད>> <<སུ་ཞིག་གིས་ང་ཚོར་རྒྱབ་སྐོར་བྱེད་ཀྱིན་ཡོད>> <<བོད་ཀྱི་སྤྲུལ་སྐུའི་འགན་འཁྲི>> <<ལྷ་ས་ལྷ་སར་མི་མངོན>> <<རྒྱ་ནག་གིས་ངེས་པར་དུ་གོང་ས་ཏཱ་ལའི་བླ་མ་མཆོག་ལ་དགོངས་སེལ་ཞུ་དགོས>> <<བོད་རིགས་མི་མང། ང་ཚོས་ངེས་པར་དུ་ཨེ་ཙི་ན་ཚའི་ངོ་བོ་ངོས་འཛིན་ཐུབ་དགོས>> <<ང་ཚོ། བོད་མི་རིགས་ནི་བདེན་དཔང་ངོ་མ་ཡིན>>སོགས་ཡོད།
༢༠༠༩ལོའི་ཟླ༣ཚེས༡༧ ཉིན་གུང། མདོ་སྨད་བླ་བྲང་དགོན་དུ་ཉེན་རྟོག་པས་འཛིན་བཟུང་བྱས། ༢༠༠༩ལོའི་ཟླ༡༡པར། ལོ་ལྔའི་ཁྲིམས་ཆད་བཅད་པ་ཤེས་རྟོགས་བྱུང།
Leave a Reply