རྟོགས་སད་ལྷ་མོ།
ང་ནི(མིང་གཞན་ཚེ་སྐྱིད་ལྷ་མོ)སྤྱི་ལོ༡༩༨༨ལོར་ལྷ་ས་འཕན་ཡུལ་ཁོངས་རྭ་སྒྲེང་གདན་སའི་ཉེ་འདབས་ཀྱི་གྲོང་བརྡལ་ཞིག་ཏུ་སྐྱེས་ཤིང་། ༢༠༡༡ལོར་བོད་ལྗོངས་གསོ་རིག་སློབ་ཆེན་དུ་མཐར་ཕྱིན། རང་ནུས་ལ་དཔོག་པའི་མི་ཚེའི་རིན་ཐང་ཞིག་མངོན་ཕྱིར་མི་ལོ་བཅུ་ཙམ་གྱི་རིང་དུ་གསར་རྩོམ་གྱི་ལམ་ལ་ཞུགས་ནས་ཡོང་བ་ཡིན། སྔ་ཕྱིར《གངས་རྒྱན་མེ་ཏོག》དང་《ཟླ་ཟེར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《ལྷ་ས་དགོང་དྲོའི་ཚགས་པར》《ནག་ཆུའི་ཚགས་པར》བཅས་ཀྱི་སྟེང་ལ་སྙན་ངག་དང་ལྷུག་རྩོམ་བརྒྱ་ལ་ཉེ་བ་སྤེལ་མྱོང་། ༢༠༡༤ལོར་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ལས《བོད་པའི་བུ་མོ》ཞེས་པའི་སྙན་དེབ་དཔར་དུ་བསྐྲུན།
1 Comment
སྟག་ཚང་རིག་རྒོད། / 2018-10-10 at 11:38
ཁྱེད་རང་གི་རྩོམ་ཡིག་གསར་པ་གནང་རོགས
Leave a Reply