སྒྲོལ་མ་སྐྱབས།

༡༩༧༦ ལོར་མདོ་སྨད་ཨ་རིག་ས་ཁུལ་དུ་སྐྱེས། (དེང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང) ཕ་མིང་མཁས་བཙུན་དང་མ་མིང་སྒྲོལ་མ། གཅེན་གཅུང་ལྔའི་ཁྲོད་ཀྱི་བཞི་བ་རེད། ༡༩༩༥ལོར་སློབ་འབྲིང་མཐར་ཕྱིན་ཏེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཞུགས། སློབ་མཐར་ཕྱིན་རྗེས་ཆི་ལེན་རྫོང་གི་སློབ་འབྲིང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར། རྗེས་སུ་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྡེ་ཚན་དུ་སློབ་གཉེར་བྱས།

༢༠༠༣ལོར་བཙན་བྱོལ་དུ་འབྱོར། བཙན་བྱོལ་བོད་གཞུང་གི་ན་གཞོན་སློབ་གླིང་(ཤེས་རབ་དགའ་ཚལ་སློབ་གླིང)དུ་དབྱིན་ཡིག་ཆེད་སྦྱོང་གནང། དུས་སྐབས་དེར། ཁོང་གིས་<<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>ཞེས་པའི་དེབ་དེ་བརྩམས། ༢༠༠༤ལོའི་ཟླ༥པར། ཁོང་ཕྱིར་བོད་དུ་ཕེབས་ཏེ། ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ཏུ་ལོ་རྒྱུས་སློབ་ཁྲིད་བྱས། ༢༠༠༥ལོའི་ཟླ་༣ཚེས་༩ཉིན། ཁོང་གིས་བརྩམས་པའི་<<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>ཞེས་པའི་བོད་ཀྱི་ལོ་རྒྱུས་གནས་བབ་དངོས་འབྲི་བྱས་པ་དེའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་འདུག ཟླ་༡༡ཚེས་༣༠ཉིན། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་གསང་བའི་འདྲི་གཅོད་བྱས་ཏེ། “ངན་སྐུལ་བ་དང་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག ” ལོ་ངོ་བཅུ་དང་ཕྱེད་ཀའི་དུས་བཅད་བཙོན་འཇུག་བྱས་ཏེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་ཡོད། ༢༠༠༧ལོའི་ཟླ་༧པར། ཁོང་ཟི་ལིང་ངལ་རྩོལ་བསྒྱུར་བཀོད་བཟོ་གྲྭར་གནས་སྤོ་བྱས་འདུག ད་ལྟའི་ཆར་ཁོང་ལ་ནད་གཞི་ལྗིད་མོ་ཞིག་ཕོག་འདུག་པའང་གོ་ཐོས་བྱུང།

འབྲེལ་ཡོད་ཁུངས་ལྡན་གྱི་དྲ་རྒྱ། http://www.pen-international.org/wpcontent/uploads/2013/02/12-12-Caselist-2.pdf

Leave a Reply