བཀྲ་རྒྱལ། སྨྱུག་མིང་། ཞོགས་དུང་།

བཀྲ་ཤིས་རྒྱ་མཚོའམ་བཀྲ་རྒྱལ་ནི་བོད་ཀྱི་རྩོམ་པ་པོ་དང་དཔྱད་བརྗོད་པ་གྲགས་ཅན་ཞིག་ཡིན། ཁོང་མཚོ་སྔོན་མི་རིགས་པར་སྐྲུན་ཁང་བོད་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཡིན་ལ། ཁོང་གིས་དཔྱོད་ཤེས་རྒྱང་འབོད་དང་། དོགས་སློང་སྙིང་སྟོབས། རིགས་ཤེས་ཀུན་གྲོལ། གནམ་ས་གོ་འབྱེད་སོགས་བརྩམས་པས་བོད་ཁམས་ཡོངས་ལ་་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ལྷག་པར་༢༠༠༨ལོའི་བོད་ཁམས་ཡོངས་ཀྱི་ཞི་བའི་ངོ་རྒོལ་ལས་འགུལ་ལ་དབྱེ་ཞིབ་བྱས་པའི་ཆེད་རྩོམ་ <<གནམ་ས་གོ་འབྱེད་>>ཅེས་པ་པར་སྐྲུན་བྱས་པའི་རྐྱེན་གྱིས། ༢༠༡༠ལོའི་ཟླ༤བའི་ནང་གནའ་མཁར་ཟི་ལང་ནས་འཛིན་བཟུང་གིས་བཙོན་དུ་བཅུག།

ཟླ ༡༠ཚེས ༡༤ཉིན་ཁག་ཐེག་འགན་ལེན་གྱི་མིང་ཐོག་ནས་གློད་བཀྲོལ་ཐོབ་ཀྱང་། ད་ལྟ་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་རྒྱ་གཞུང་གི་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད།

འབྲེལ་ཡོད་དྲ་རྒྱ་ཁག

youshun12.com/?p=2868‎

www.rangwang.net/?essayId=242‎

bo.wikipedia.org/wiki/ཞོགས་དུང་།‎

Leave a Reply