དཀོན་མཆོག་སྦྱིན་པ། སྨྱུག་མིང་། མགར་མི།

༡༩༧༧ལོར་མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་སྐྱེས། ཁོང་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་ནང་ཆོས་སློབ་གཉེར་བྱས། རྗེས་སུ་ཕྱིར་བོད་ནང་དུ་འབྱོར་ཏེ་རྔ་བ་རྫོང་མཁར་དུ་གཞིས་ཆགས། <<གངས་རྒྱན་མེ་ཏོག>>སྟེང་དུ་སྙན་ངག་མང་པོ་སྤེལ་བ་དང། <<དུས་རབས་ཀྱི་ང་>>ཞེས་པའི་དུས་དེབ་རྩོམ་སྒྲིག་པའི་ལས་ཀ་གཉེར།

༢༠༡༠ལོའི་ཟླ༧ཚེས་༡༩ཉིན་གྱི་སྔ་དྲོ་དུས་ཚོད་དགུ་ཡས་མས་སུ་རྔ་བ་ཁུལ་ཉེན་རྟོག་པས་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་མིང་འོག ”འཛིན་བཟུང་བྱས།

༢༠༠༨ལོའི་བོད་མིའི་ཞི་བའི་ངོ་རྒོལ་ལས་འགུལ་ཐད་ཀྱི་རྩོམ་ཡིག་མང་པོ་ཞིག་<<ཤར་དུང་རི>>འི་སྟེང་དུ་བཀོད་པའི་ཉེས་མིང་བཏགས།

༢༠༡༠ལོའི་ཟླ༡༢ཚེས༣༠ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབྲིང་རིམ་ཁྲིམས་ཁང་ནས་ལོ་གསུམ་གྱི་དུས་བཅད་བཙོན་འཇུག་བྱས་འདུག

འབྲེལ་ཡོད་དྲ་རྒྱ་ཁག

མདོ་སྨད་རྔ་བའི་རྩོམ་པ་པོ་གསུམ་གྱི་གྱོད་དོན་རྔ་བ་ཁུལ་ཁྲིམས་ཞིབ་ཁང་ལ་རྩིས་སྤྲད་ཟིན་པ།

སྙིང་གི་སྤུན་གྲོགས་སྐལ་བཟང་སྦྱིན་པ་ལ་ཕུལ་བ།

http://www.tibetexpress.net/bo/home/2010-02-04-05-37-19/4930-2011-01-04-10-42-44

http://www.tibettimes.net/news.php?cat=3&&id=7923

http://bod.asia/2013/07/%E0%BD%A2%E0%BE%A9%E0%BD%BC%E0%BD%98%E0%BC%8B%E0%BD%94%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%A6%E0%BE%90%E0%BD%A3%E0%BC%8B%E0%BD%96%E0%BD%9F%E0%BD%84%E0%BC%8B%E0%BD%A6%E0%BE%A6%E0%BE%B1%E0%BD%B2/

Leave a Reply