དཀོན་མཆོག་ཚེ་འཕེལ།
རྒྱ་ནག་ནང་ཁུལ་དུ་བོད་ཀྱི་རྩོམ་རིག་དྲ་བ་སྟེ“མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”འི་རྩོམ་སྒྲིག་པ་དང་རྩོམ་པ་པོ། ༢༠༠༩ལོའི་ཟླ་༢ཚེས་༢༦ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་རང་ཁྱིམ་ནས་འཛིན་བཟུང་བྱས། ༢༠༠༩ལོའི་ཟླ༡༡ནང། ས་གནས་སྲིད་གཞུང་ཁྲིམས་ཁང་གིས་ལོ་བཅོ་ལྔའི་དུས་བཅད་བཙོན་འཇུག་བྱས་འདུག
ཁོང་ནི་༡༩༦༩ལོར་མདོ་སྨད་རྨ་ཆུ་རུ་སྐྱེས་ཤིང། རྒྱ་གར་དུ་འགྲོ་མྱོང་ཡོད་ལ། ཕྱིར་འབྱོར་རྗེས་ལན་གྲུ་དང་པེ་ཅིན་བཅས་ནས་སློབ་ཆེན་འགྲིམས་མྱོང་པ་མ་ཟད། དབྱིན་ཡིག་དགེ་རྒན་ཡང་བྱས་མྱོང་ཡོད། འཛིན་བཟུང་མ་བྱས་སྔོན་ལ་རྨ་ཆུ་རྫོང་ཕྱུགས་ལས་ཅུའུ་ལས་བྱེད་རེད།
ཁོང་གི་ཉེས་པ་ནི། ཁོང་གིས་༢༠༠༨ལོའི་བོད་མིའི་སྒེར་ལངས་དང་འབྲེལ་བའི་ཡིག་ཆ་རྣམས་དྲ་ཐོག་ཏུ་སྤེལ་བ་དང། གཞན་ཡང་བོད་མིའི་སྒེར་ལངས་ཁྲོད་དུ་གཉའ་གནོད་བྱེད་མཁན་དང། དམག་མི་དང་ཉེན་རྟོག་པས་རབ་བྱུང་བ་འཛིན་བཟུང་བྱས་པའི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱས་པ་སོགས་དང་འབྲེལ་བ་ཡོད་པ་རེད། ཁོང་གིས་དྲ་སྟེང་གི་ཡིག་ཆ་མེད་པར་བཟོས་པས་ཁོང་གི་ཉེས་མིང་ལ “རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ”ཞེས་བཏགས་ཡོད་པ་རེད།
ཁོང་གི་ཕ་མ་དགུང་ལོ་མཐོ་ལ་ཆུང་མར་ནད་ཚ་མང་བ་དང་ལོ་བཅུ་གཅིག་ཅན་གྱི་བུ་མོ་ཞིག་ཀྱང་འདུག
༢༠༡༣ལོའི་ཟླ་༡༡ཚེས་༡༥ཉིན་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་རྒྱལ་ཁབ་བརྒྱ་དང་བཞི་བཅུ་ལྷག་གིས་ཁོང་དང་བཙོན་འོག་གི་རྩོམ་པ་པོ་སྐད་གྲགས་ཅན་བཞིའི་སྐོར་ལ་སྲུང་བརྩི་དང་རྗེས་དྲན་ཞུས།
འབྲེལ་ཡོད་དྲ་རྒྱ་ཁག
http://tibetanpen.org/?p=1776
Leave a Reply